Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 017_འབུམ།_ང
Văn bản gốc(Tây Tạng)
Trang 16 / 23 (50.000 ký tự/trang)
ི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་ མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་པ་སྟེ། །དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་དང་ཤ་ར་དྭ་ཏིའི་བུ། ཡིད་ཀྱི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སའི་ཁམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆུའི་ཁམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱེའི་ ཁམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རླུང་གི་ཁམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་ གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནམ་མཁའི་ཁམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ ར་དྭ་ཏིའི་བུ། རྣམ་པར་ཤེས་པའི་ཁམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་རིག་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་བྱེད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིང་དང་གཟུགས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྐྱེ་མཆེད་དྲུག་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རེག་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚོར་བ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ ཡང་མྱི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྲེད་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལེན་པ་ནི་ རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྲིད་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མེད་པར་ ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྐྱེ་བ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྒ་ཤི་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་ སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་ གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ ཤ་ར་དྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ ནང་ན་ཡང་མྱི་གནས། ཕྱི་རོལ་ན་ཡང་མྱི་གནས། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཕྱི་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས། ཕྱི་རོལ་ན་ ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཕྱི་ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྟོང་པ་ཉིད་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆེན་པོ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་ གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དོན་དམ་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུས་བྱས་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུས་མ་བྱས་སྟོང་པ་ཉིད་ནི་རང་བཞིན་གྱིས་ སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མཐའ་ལས་འདས་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་ གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ ཏིའི་བུ། དོར་བ་མེད་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རང་བཞིན་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་བ་སྟེ། དེ་ནི་ནང་ན་ ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆོས་ཐམས་ཅད་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱི་དམྱིགས་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་ སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དངོས་པོ་མྱེད་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་ པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ངོ་བོ་ཉིད་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་གཞག་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་ གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡང་དག་པར་སྤོང་བ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དབང་པོ་རྣམས་ནི་རང་ བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྟོབས་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་ པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་ ལམ་ཡན་ལག་བརྒྱད་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་ གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བསམ་གཏན་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམིགས་སོ། །ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ། ཚད་མེད་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་རང་བཞིན་ གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཐར་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་ མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ ཤ་ར་དྭ་ཏིའི་བུ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མངོན་པར་ཤེས་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཏིང་ངེ་འཛིན་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུངས་ཀྱི་སྒོ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱི་འཇིགས་པ་རྣམས་ནི་རང་ བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སོ་སོ་ཡང་དག་པར་རིག་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་ གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱམས་པ་ཆེན་པོ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྙིང་ རྗེ་ཆེན་པོ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་ སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཕྱིར་མྱི་འོང་བའི་ འབྲས་བུ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དགྲ་བཅོམ་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་ གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རང་བྱང་ཆུབ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལམ་གྱི་རྣམ་པ་ ཤེས་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་མྱི་གནས་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་དེ་ལྟར་ན། གཟུགས་ཡོངས་སུ་སྦྱང་བར་བྱའོ། །ཚོར་བ་ཡོངས་སུ་སྦྱང་བར་བྱའོ། །འདུ་ཤེས་ ཡོངས་སུ་སྦྱང་བར་བྱའོ། །འདུ་བྱེད་ཡོངས་སུ་སྦྱང་བར་བྱའོ། །རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །མྱིག་ཡོངས་སུ་སྦྱང་བར་བྱའོ། །རྣ་བ་ཡོངས་སུ་སྦྱང་བར་བྱའོ། །སྣ་ཡོངས་སུ་སྦྱང་བར་བྱའོ། །ལྕེ་ཡོངས་སུ་སྦྱང་བར་བྱའོ། །ལུས་ཡོངས་སུ་སྦྱང་ བར་བྱའོ། །ཡིད་ཡོངས་སུ་སྦྱང་བར་བྱའོ། །གཟུགས་ཡོངས་སུ་སྦྱང་བར་བྱའོ། །སྒྲ་ཡོངས་སུ་སྦྱང་བར་བྱའོ། །དྲི་ཡོངས་སུ་སྦྱང་བར་བྱའོ། །རོ་ཡོངས་སུ་སྦྱང་བར་བྱའོ། །རེག་ཡོངས་སུ་སྦྱང་བར་བྱའོ། །ཆོས་ཡོངས་སུ་སྦྱང་བར་བྱའོ། །མྱིག་གི་རྣམ་ པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །སྣའི་རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །ལྕེའི་རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །ཡིད་ ཀྱི་རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་སྦྱང་བར་བྱའོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་སྦྱང་བར་བྱའོ། །སྣའི་འདུས་ཏེ་རེག་པ་ཡོངས་སུ་སྦྱང་བར་བྱའོ། །ལྕེའི་འདུས་ཏེ་རེག་པ་ཡོངས་སུ་སྦྱང་བར་བྱའོ། །ལུས་ཀྱི་ འདུས་ཏེ་རེག་པ་ཡོངས་སུ་སྦྱང་བར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་སྦྱང་བར་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་སྦྱང་བར་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་སྦྱང་བར་བྱའོ། །སྣའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་ཡོངས་སུ་སྦྱང་བར་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་སྦྱང་བར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་སྦྱང་བར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་སྦྱང་བར་བྱའོ། །སའི་ ཁམས་ཡོངས་སུ་སྦྱང་བར་བྱའོ། །ཆུའི་ཁམས་ཡོངས་སུ་སྦྱང་བར་བྱའོ། །མེའི་ཁམས་ཡོངས་སུ་སྦྱང་བར་བྱའོ། །རླུང་གི་ཁམས་ཡོངས་སུ་སྦྱང་བར་བྱའོ། །ནམ་མཁའི་ཁམས་ཡོངས་སུ་སྦྱང་བར་བྱའོ། །རྣམ་པར་ཤེས་པའི་ཁམས་ ཡོངས་སུ་སྦྱང་བར་བྱའོ། །མ་རིག་པ་ཡོངས་སུ་སྦྱང་བར་བྱའོ། །འདུ་བྱེད་ཡོངས་སུ་སྦྱང་བར་བྱའོ། །རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །མྱིང་དང་གཟུགས་ཡོངས་སུ་སྦྱང་བར་བྱའོ། །སྐྱེ་མཆེད་དྲུག་ཡོངས་སུ་སྦྱང་བར་བྱའོ། །རེག་པ་ཡོངས་སུ་སྦྱང་ བར་བྱའོ། །ཚོར་བ་ཡོངས་སུ་སྦྱང་བར་བྱའོ། །སྲེད་པ་ཡོངས་སུ་སྦྱང་བར་བྱའོ། །ལེན་པ་ཡོངས་སུ་སྦྱང་བར་བྱའོ། །སྲིད་པ་ཡོངས་སུ་སྦྱང་བར་བྱའོ། །སྐྱེ་བ་ཡོངས་སུ་སྦྱང་བར་བྱའོ། །རྒ་ཤི་ཡོངས་སུ་སྦྱང་བར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་སྦྱང་བར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་ བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །ནང་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །ཕྱི་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་ བྱའོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་ སུ་སྦྱང་བར་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །རང་གི་མཚན་ ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་ བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །ཡང་དག་པར་སྤོང་བ་རྣམས་ཡོངས་སུ་སྦྱང་བར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །དབང་པོ་རྣམས་ཡོངས་སུ་སྦྱང་བར་བྱའོ། །སྟོབས་རྣམས་ཡོངས་སུ་སྦྱང་བར་བྱའོ། ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་སྦྱང་བར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་སྦྱང་བར་བྱའོ། །འཕགས་པའི་བདེན་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །བསམ་གཏན་རྣམས་ཡོངས་སུ་སྦྱང་བར་བྱའོ། །ཚད་མྱེད་པ་རྣམས་ཡོངས་སུ་སྦྱང་ བར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །རྣམ་པར་ཐར་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་སྦྱང་བར་བྱའོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་སྦྱང་བར་བྱའོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་སྦྱང་བར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་ སུ་སྦྱང་བར་བྱའོ། །མྱི་འཇིགས་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །བྱམས་པ་ཆེན་པོ་ཡོངས་སུ་སྦྱང་བར་བྱའོ། །སྙིང་རྗེ་ཆེན་པོ་ཡོངས་སུ་སྦྱང་བར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ ཡོངས་སུ་སྦྱང་བར་བྱའོ། །ཐམས་ཅད་ཤེས་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །དེ་ནས་ཡང་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་། འཇིག་རྟེན་ལས་འདས་པ་ནི་གང་། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པ་བྱེད་ཅིང་སྦྱིན་བདག་ཏུ་གྱུར་པ་དགེ་སྦྱོང་དང་། བྲམ་ཟེ་དང་། ཕོངས་པ་དང་། ལྟོགས་པ་དང་། འདྲོན་པ་དང་། སློང་བ་ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ། ཐེག་པ་ འདོད་པ་ལ་ནི་ཐེག་པ། གོས་འདོད་པ་ལ་ནི་གོས། མེ་ཏོག་འདོད་པ་ལ་ནི་མེ་ཏོག །ཕྲེང་བ་འདོད་པ་ལ་ནི་ཕྲེང་བ། སྤོས་འདོད་པ་ལ་ནི་སྤོས། བྱུག་པ་འདོད་པ་ལ་ནི་བྱུག་པ། གནས་འདོད་པ་ལ་ནི་གནས། མལ་སྟན་འདོད་པ་ལ་ནི་མལ་སྟན། ཡོ་བྱད་འདོད་པ་ལ་ ནི་ཡོ་བྱད། སྨན་འདོད་པ་ལ་ནི་སྨན། ཡོངས་སུ་གཏོང་བ་ནས། མིའི་ཡོ་བྱད་གཞན་ཅི་ཡང་རུང་བའི་བར་དུ་ཡོངས་སུ་གཏོང་སྟེ། བུ་ཕོ་འདོད་པ་ལ་ནི་བུ་ཕོ་ཡོངས་སུ་གཏོང་། བུ་མོ་འདོད་པ་ལ་ནི་བུ་མོ་ཡོངས་སུ་གཏོང་། ཆུང་མ་འདོད་པ་ལ་ནི་ཆུང་མ་ཡོངས་སུ་གཏོང་། རྒྱལ་སྲིད་འདོད་པ་ལ་ནི་རྒྱལ་སྲིད་ཡོངས་སུ་གཏོང་། མགོ་འདོད་པ་ལ་ནི་མགོ་ཡོངས་སུ་གཏོང་། མྱིག་འདོད་པ་ལ་ནི་མྱིག་ཡོངས་སུ་གཏོང་། ཡན་ལག་དང་ཉིང་ལག་འདོད་པ་ལ་ནི་ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་། ཤ་དང་ཁྲག་དང་རྐང་འདོད་ པ་ལ་ནི་ཤ་དང་ཁྲག་དང་རྐང་ཡོངས་སུ་གཏོང་སྟེ། དེ་ཡང་གནས་ཤིང་ཡོངས་སུ་གཏོང་ལ། དེ་འདི་སྙམ་དུ་བདག་ནི་ཡོངས་སུ་གཏོང་བའོ། །འདི་ནི་ལེན་པའོ། །འདི་ནི་སྦྱིན་པའོ། །བདག་ནི་སེར་སྣ་མེད་པའོ། །བདག་ནི་སྦྱིན་པའི་བདག་པོའོ། །བདག་ནི་ བདོག་པ་ཐམས་ཅད་གཏོང་བའོ། །བདག་ནི་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པའོ། །བདག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་ཏེ། སྦྱིན་པ་དེ་བྱིན་ནས་ཀྱང་དམྱིགས་པའི་ཚུལ་གྱིས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་བདག་གི་སྦྱིན་པའི་འབྲས་བུ་འདིས། སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་། ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་སྟེ། དེ་ཆགས་པ་གསུམ་ལ་ཆགས་ ཤིང་། སྦྱིན་པ་དེ་ཡོངས་སུ་གཏོང་སྟེ། གསུམ་གང་ཞེ་ན། དེ་འདི་ལྟར་བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། སྦྱིན་པར་འདུ་ཤེས་པ་འདི་གསུམ་ལ་ཆགས་ནས། སྦྱིན་པ་དེ་དག་ཡོངས་སུ་གཏོང་སྟེ། འདི་ནི་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ཞེས་བྱའོ། །ཅིའི་ཕྱིར་ན། འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ལས་མྱི་གཡོ་མྱི་འཕག་མྱི་འདའ་བས་དེའི་ཕྱིར། འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་བའི་ཚེ། བདག་མྱི་དམྱིགས་ལེན་པ་མྱི་ དམྱིགས། སྦྱིན་པ་མྱི་དམྱིགས། རྣམ་པར་སྨིན་པ་ལ་ཡང་དགའ་བར་མི་བྱེད་དེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་ཞིང་སྦྱིན་པ་དེ་སེམས་ཅན་ཐམས་ཅད་ལ་གཏོང་སྟེ། སེམས་ཅན་དེ་དག་ཀྱང་མྱི་དམྱིགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། མཚན་མ་ཅུང་ཟད་ཀྱང་ཡང་དག་ པར་རྗེས་སུ་མི་མཐོང་བ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཅིའི་ཕྱིར་ན། འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། །དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ ཞིང་འཕག་ལ། འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དེ་ལ་འཇིག་རྟེན་ པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་སྲུང་ཞིང་དེ་ཡང་གནས་པས་སྲུང་སྟེ། དེ་འདི་སྙམ་དུ་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཚུལ་ཁྲིམས་ སྲུང་ངོ་། །འདི་ནི་ཚུལ་ཁྲིམས་སོ། །བདག་ནི་སངས་རྒྱས་ཀྱི་བཀའ་བཞིན་བྱེད་དོ་ཞེས་དེ་ལྟར་ཚུལ་ཁྲིམས་སྲུང་ཞིང་དམྱིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། བདག་གི་ཚུལ་ཁྲིམས་ཀྱི་འབྲས་བུ་འདིས། སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་ཉེ་བར་ལེན་པ་མྱེད་པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་སྟེ། དེ་འདི་ལྟར་བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། ཚུལ་ཁྲིམས་སུ་འདུ་ཤེས་པ་དང་། ཆགས་པ་འདི་གསུམ་ལ་ཆགས་ཤིང་ཚུལ་ཁྲིམས་སྲུང་སྟེ། འདི་ནི་འཇིག་རྟེན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཅིའི་ཕྱིར་ན། འཇིག་རྟེན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ནི་ འདི་ལྟར་འཇིག་རྟེན་ལས་མྱི་གཡོ་མྱི་འཕག་མྱི་འདའ་བས་དེའི་ཕྱིར། འཇིག་རྟེན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་ གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་སྲུང་བའི་ཚེ། བདག་མྱི་དམྱིགས་སེམས་ཅན་མྱི་དམྱིགས། ཚུལ་ཁྲིམས་མྱི་དམྱིགས་རྣམ་པར་སྨིན་པ་ལ་ཡང་དགའ་བར་མྱི་བྱེད་དེ། ཚུལ་ཁྲིམས་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་སྟེ། སེམས་ཅན་དེ་དག་ཀྱང་མྱི་དམྱིགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། མཚན་མ་ཅུང་ཟད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི། འཇིག་རྟེན་ལས་འདས་པའི་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕག་ལ་འདའ་བས་དེའི་ཕྱིར། འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་སྒོམ་ཞིང་། དེ་ཡང་གནས་པས་སྒོམ་སྟེ། དེ་འདི་ སྙམ་དུ་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཟོད་པ་སྒོམ་མོ། །འདི་ནི་བཟོད་པའོ། །བདག་ནི་སངས་རྒྱས་ཀྱི་བཀའ་བཞིན་བྱེད་ཅེས་ཏེ། བཟོད་པ་དེ་དམྱིགས་པའི་ཚུལ་གྱིས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། བདག་གི་བཟོད་པའི་འབྲས་བུ་འདིས་སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་། ཉེ་བར་ལེན་པ་མྱེད་པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་སྟེ། དེ་འདི་ལྟར་བདག་ཏུ་འདུ་ཤེས་པ་དང་ གཞན་དུ་འདུ་ཤེས་པ་དང་། བཟོད་པར་འདུ་ཤེས་པ་དང་། ཆགས་པ་འདི་གསུམ་ལ་ཆགས་ཤིང་བཟོད་པ་སྒོམ་མོ། །འདི་ནི་འཇིག་རྟེན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་མྱི་གཡོ་མྱི་འཕག་མྱི་འདའ་བས་དེའི་ཕྱིར་འཇིག་རྟེན་པ་ཞེས་ བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བཟོད་པ་སྒོམ་པའི་ཚེ། བདག་མྱི་དམྱིགས་སེམས་ཅན་མྱི་དམྱིགས། བཟོད་པ་མྱི་དམྱིགས། རྣམ་པར་སྨིན་པ་ལ་ཡང་དགའ་བར་མྱི་བྱེད་དེ། བཟོད་པ་དེ་སེམས་ཅན་ཐམས་ཅད་ལ་གཏོང་ཞིང་། སེམས་ཅན་དེ་དག་ཀྱང་མྱི་དམྱིགས་པར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། མཚན་མ་ཆུང་ཟད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི། འཇིག་རྟེན་ལས་འདས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕགས་འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པ་ ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྩོམ་ཞིང་། དེ་ལ་ཡང་གནས་པས་རྩོམ་སྟེ། དེ་འདི་སྙམ་དུ་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་རྩོམ་མོ། །འདི་ནི་ལུས་སོ། །འདི་ནི་སེམས་སོ། །འདི་ནི་བརྩོན་འགྲུས་སོ། །བདག་ནི་ སངས་རྒྱས་ཀྱི་བཀའ་བཞིན་དུ་བྱེད་དོ། །བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་ཏེ། བརྩོན་འགྲུས་དེ་ཡང་དམྱིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། བདག་གི་བརྩོན་འགྲུས་ཀྱི་འབྲས་བུ་འདིས་སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་། ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་སྟེ། དེ་འདི་ལྟར་བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། བརྩོན་ འགྲུས་སུ་འདུ་ཤེས་པ་དང་། ཆགས་པ་འདི་གསུམ་ལ་ཆགས་ཤིང་བརྩོན་འགྲུས་རྩོམ་མོ། །འདི་ནི་འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་མྱི་གཡོ་མྱི་འཕག་མྱི་འདའ་བས་དེའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། ། དེ་ལ་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ། བརྩོན་འགྲུས་རྩོམ་པའི་ཚེ། བདག་མྱི་དམྱིགས། སེམས་ཅན་མྱི་དམྱིགས། བརྩོན་འགྲུས་མྱི་དམྱིགས། རྣམ་པར་སྨིན་པ་ལ་ཡང་དགའ་བར་མྱི་བྱེད་དེ། བརྩོན་འགྲུས་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་ཞིང་། སེམས་ཅན་དེ་དག་ཀྱང་ མྱི་དམྱིགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། མཚན་མ་ཆུང་ཟད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་བ་འདི་ནི་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་ འཕག་ལ་འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་ལ་སྙོམས་པར་འཇུག་ཅིང་། དེ་ཡང་གནས་པས་སྙོམས་པར་འཇུག་སྟེ། དེ་འདི་སྙམ་དུ་བདག་ནི་སེམས་ཅན་ཐམས་ཅད་ ཀྱི་དོན་དུ་བསམ་གཏན་ལ་སྙོམས་པར་འཇུག་གོ། །འདི་ནི་བསམ་གཏན་ནོ། །བདག་ནི་སངས་རྒྱས་ཀྱི་བཀའ་བཞིན་བྱེད་དོ་ཞེས་ཏེ། བསམ་གཏན་དེ་ལ་སྙོམས་པར་འཇུག་པ་དེ་ཡང་དམྱིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། བདག་གི་བསམ་གཏན་གྱི་འབྲས་བུ་འདིས་སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་ཉེ་བར་ལེན་པ་མྱེད་པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་སྟེ། དེ་འདི་ལྟར་བདག་ཏུ་འདུ་ཤེས་ པ་དང་། གཞན་དུ་འདུ་ཤེས་པ་དང་། བསམ་གཏན་དུ་འདུ་ཤེས་པ་དང་། ཆགས་པ་འདི་གསུམ་ལ་ཆགས་ཤིང་། བསམ་གཏན་ལ་སྙོམས་པར་འཇུག་པ་འདི་ནི་འཇིག་རྟེན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་ མྱི་གཡོ་མྱི་འཕག་མྱི་འདའ་བས་དེའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་སྙོམས་པར་འཇུག་པའི་ཚེ། བདག་མྱི་དམྱིགས། སེམས་ཅན་མྱི་དམྱིགས། བསམ་གཏན་མྱི་དམྱིགས། རྣམ་པར་སྨིན་པ་ལ་ཡང་དགའ་བར་མྱི་བྱེད་དེ། བསམ་གཏན་ དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་ཞིང་སེམས་ཅན་དེ་དག་ཀྱང་མྱི་དམྱིགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། མཚན་མ་ཆུང་ཟད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི། འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕག་ལ་འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ ཡོད་དེ། དེ་ལ་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་སྒོམ་ཞིང་དེ་ཡང་གནས་པས་སྒོམ་སྟེ། བདག་དང་གཞན་གྱི་དོན་དུ་དམྱིགས་པའི་ ཚུལ་གྱིས་སྡིག་པ་ཐམས་ཅད་འཆགས་ཤིང་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་བ་བྱེད་དེ། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་ཐབས་མ་ཡིན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་སྔོ་ཞིང་། དེ་འདི་སྙམ་དུ་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་སྒོམ་མོ། །འདི་ནི་ཤེས་རབ་བོ། །བདག་ནི་སངས་རྒྱས་ཀྱི་བཀའ་བཞིན་བྱེད་དོ་ཞེས་ཏེ། ཤེས་རབ་སྒོམ་པ་དེ་ཡང་དམྱིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་ མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། བདག་གི་ཤེས་རབ་ཀྱི་འབྲས་བུ་འདིས་སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་། ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་སྟེ། དེ་འདི་ལྟར་བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། ཤེས་རབ་ཏུ་འདུ་ཤེས་པ་དང་། ཆགས་པ་འདི་གསུམ་ལ་ཆགས་ཤིང་། ཤེས་རབ་སྒོམ་པ་འདི་ནི་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་ མྱི་གཡོ་མྱི་འཕག་མྱི་འདའ་བས་དེའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་སྒོམ་པའི་ཚེ། བདག་མྱི་དམྱིགས། སེམས་ཅན་མྱི་དམྱིགས། ཤེས་རབ་མྱི་དམྱིགས། རྣམ་པར་སྨིན་པ་ལ་ཡང་དགའ་པར་མྱི་བྱེད་དེ། ཤེས་རབ་དེ་ཡང་ སེམས་ཅན་ཐམས་ཅད་ལ་གཏོང་ཞིང་། སེམས་ཅན་དེ་དག་ཀྱང་མྱི་དམྱིགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། མཚན་མ་ཆུང་ཟད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕག་ལ་འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་ རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ཡིན། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཕྱི་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཕྱི་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཆེན་པོ་སྟོང་པ་ཉིད་ ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །དོན་དམ་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །འདུས་བྱས་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ མོ། །འདུས་མ་བྱས་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །དོར་བ་མེད་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །རང་བཞིན་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། ། ཆོས་ཐམས་ཅད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲན་པ་ཉེ་བར་གཞག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཡང་དག་པར་སྤོང་བ་བཞི་ ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །དབང་པོ་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། ། སྟོབས་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །བསམ་གཏན་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། ཚད་མེད་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །རྣམ་པར་ཐར་པ་བརྒྱད་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །མངོན་པར་ཤེས་པ་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཏིང་ངེ་འཛིན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། ། གཟུངས་ཀྱི་སྒོ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །མྱི་འཇིགས་པ་བཞི་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །བྱམས་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །སྙིང་ རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། ། དེ་ཕ་རོལ་ཏུ་ཕྱིན་པ་གང་གི་མཐུ་ཡིན། །རབ་འབྱོར་ཀྱིས་སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་ཀྱི་ཆོས་དང་ རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་དང་། དགེ་བའི་ཆོས་ཐམས་ཅད་སྐྱེད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་ སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་སྡུད་ཅིང་ཡང་དག་པར་སྡུད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱོད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ ཏིའི་བུ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནེམ་ནུར་རམ། རྨོངས་པར་མྱི་འགྱུར་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟར་སེམས་ ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་ཕྱིར། དེ་མྱི་དམྱིགས་པའི་ཚུལ་གྱིས་རྣམ་པར་སྤྱོད་པ་འདིས། རྣམ་པར་སྤྱོད་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱ་བའི་ཡིད་ལ་བྱ་བ་དེ་དང་མ་བྲལ་བར་ཤེས་པར་བྱའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་རྣམ་པར་སྤྱོད་པ་འདིས་རྣམ་པར་སྤྱོད་ཅིང་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱ་བའི་ཡིད་ལ་བྱ་བ་དེ་དང་མ་བྲལ་བས། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོར་འདོད་ན། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་ན་ནི། སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་སེམས་ཅན་ཐམས་ཅད་ཀྱང་ཡིད་ལ་བྱ་བ་དང་ནི་མ་བྲལ་ལོ། །རབ་འབྱོར་ ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལེགས་སོ་ལེགས་སོ། །དྲིའོ་དྲིའོ་སྙམ་པའི་དོན་དེ་ཉིད། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཡང་དག་པའི་ཚིག་བརྗོད་པས་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སེམས་ཅན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །སེམས་ཅན་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །སེམས་ཅན་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། ། སེམས་ཅན་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །སེམས་ཅན་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་ འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །གཟུགས་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །གཟུགས་རང་བཞིན་མེད་པའི་ ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །གཟུགས་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །གཟུགས་མངོན་པར་རྫོགས་པར་འཚང་མྱི་ རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚོར་བ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །ཚོར་བ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། ། ཚོར་བ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །ཚོར་བ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཚོར་བ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ཚོར་བ་མངོན་པར་རྫོགས་ པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་ཤེས་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །འདུ་ཤེས་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་ པ་དངོས་པོ་མེད་པར་རིག་པར་བྱའོ། །འདུ་ཤེས་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །འདུ་ཤེས་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །འདུ་ཤེས་དབེན་པའི་ཕྱིར། ཡིད་ལ་བྱེད་པ་ དབེན་པར་རིག་པར་བྱའོ། །འདུ་ཤེས་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་བྱེད་མེད་པའི་ཕྱིར། ཡིད་ལ་བྱེད་པ་མེད་ པར་རིག་པར་བྱའོ། །འདུ་བྱེད་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །འདུ་བྱེད་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །འདུ་བྱེད་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་ དུ་རིག་པར་བྱའོ། །འདུ་བྱེད་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །འདུ་བྱེད་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཤེས་པ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་ རིག་པར་བྱའོ། །རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །མྱིག་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། ། མྱིག་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །མྱིག་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །མྱིག་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །མྱིག་མངོན་པར་རྫོགས་ པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །རྣ་བ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་ པར་རིག་པར་བྱའོ། །རྣ་བ་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །རྣ་བ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣ་བ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། ། རྣ་བ་མངོན་པར་རྫོགས་པར་འཚང་མྱི་རྒྱ་པའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣ་མེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །སྣ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མེད་པར་རིག་པར་བྱའོ། །སྣ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །སྣ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སྣ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་ དབེན་པར་རིག་པར་བྱའོ། །སྣ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལྕེ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །ལྕེ་ དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །ལྕེ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །ལྕེ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལྕེ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ལྕེ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་མེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་ པར་བྱའོ། །ལུས་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །ལུས་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །ལུས་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལུས་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ལུས་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་ བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །ཡིད་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །ཡིད་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །ཡིད་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཡིད་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ཡིད་མངོན་པར་རྫོགས་ པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །གཟུགས་དངོས་པོ་ མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །གཟུགས་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། གཟུགས་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་ པར་བྱའོ། །གཟུགས་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །གཟུགས་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ ཏིའི་བུ། སྒྲ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །སྒྲ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །སྒྲ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །སྒྲ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སྒྲ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །སྒྲ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དྲི་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །དྲི་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །དྲི་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །དྲི་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་ པ་སྟོང་པ་ཉིད་དུ་རིག་པར་བྱའོ། །དྲི་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །དྲི་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རོ་མྱེད་ པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །རོ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །རོ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །རོ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་ བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རོ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །རོ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རེག་མེད་པའི་ཕྱིར། ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །རེག་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མེད་པར་རིག་པར་བྱའོ། །རེག་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །རེག་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རེག་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །རེག་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་ བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཆོས་མེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །ཆོས་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །ཆོས་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་ པར་རིག་པར་བྱའོ། །ཆོས་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཆོས་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ཆོས་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་ འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར། ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །མྱིག་གི་རྣམ་པར་ཤེས་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། ། མྱིག་གི་རྣམ་པར་ཤེས་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །མྱིག་གི་རྣམ་པར་ཤེས་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་ པར་རིག་པར་བྱའོ། །མྱིག་གི་རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བའི་རྣམ་པར་ཤེས་པ་མེད་པའི་ཕྱིར། ཡིད་ལ་བྱེད་པ་ མེད་པར་རིག་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་ སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་ པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣའི་རྣམ་པར་ཤེས་པ་མེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །སྣའི་རྣམ་པར་ཤེས་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མེད་པར་རིག་པར་བྱའོ། ། སྣའི་རྣམ་པར་ཤེས་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སྣའི་རྣམ་པར་ཤེས་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་ པར་རིག་པར་བྱའོ། །སྣའི་རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལྕེའི་རྣམ་པར་ཤེས་པ་མེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་ པར་རིག་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་ རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་ཀྱི་རྣམ་པར་ཤེས་པ་མེད་པའི་ཕྱིར། ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མེད་པར་རིག་པར་བྱའོ། །ལུས་ཀྱི་རྣམ་ པར་ཤེས་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་དབེན་ པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ཀྱི་རྣམ་པར་ཤེས་པ་མྱེད་པའི་ ཕྱིར། ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་ པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་མི་རྒྱ་ བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །མྱིག་གི་འདུས་ཏེ་རེག་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །མྱིག་གི་འདུས་ཏེ་རེག་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །མྱིག་གི་འདུས་ཏེ་རེག་ པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །མྱིག་གི་འདུས་ཏེ་རེག་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བའི་འདུས་ཏེ་རེག་ པ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། ། རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་ བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣའི་འདུས་ཏེ་རེག་པ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མེད་པར་ རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་དབེན་པའི་ཕྱིར། ཡིད་ལ་བྱེད་ པ་དབེན་པར་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལྕེའི་འདུས་ཏེ་རེག་པ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་ མྱེད་པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་སྟོང་ པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་ པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་ཀྱི་འདུས་ཏེ་རེག་པ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་ པར་རིག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ཀྱི་འདུས་ཏེ་རེག་པ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་དངོས་པོ་མེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མེད་པར་རིག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །ཡིད་ཀྱི་ འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་ མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ